ཏོག་དབྱིབས་གཉན་རིམས་-༡༩ ཡི་སྔོོན་འགོག་སྨན་ཁབ།

སྔོན་འགོག་སྨན་ཁབ་དག་གིས་ང་ཚོ་ COVID-19 བཟོ་མཁན་གྱི་གཉན་སྲིན་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད། ཨོ་སི་ཊོ་ལི་ཡའི་ནང་སྐྱེ་བོ་ལོ་གྲངས་ 5 དང་དེ་ལས་བརྒལ་བ་ཚང་མས་སོ་སོའི་ COVID-19 ཡི་རིན་མེད་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་ཐུབ།

COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར།

ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་སྐྱེ་བོ་ལོ་གྲངས་ 5 དང་དེ་ལས་བརྒལ་བ་ཆ་ཚང་དང་། བྱིས་པ་ཟླ་གྲངས་ 6 ནས་ལོ་གྲངས་ 4 དབར་ཡིན་པའི་བྱིས་པ་འགའ་ཤས་ COVID-19 ཡི་སྔོན་འགོག་སྨན་ཁབ་ཆེད་འོས་ཆོས་ལྡན་པ་ཡིན།

སྨན་དཔྱད་ཁང་ཞིག་འཚོལ་ཏེ་སྔོན་མངགས་བྱ།

COVID-19 ཡི་སྔོན་འགོག་སྨན་ཁབ་དག་ནི་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་སྐྱེ་བོ་ཚང་མའི་ཆེད་རིན་མེད་ཡིན། འདིའི་ཁོངས་ Medicare བྱང་བུ་མེད་པའི་མི་དང་ཕྱི་རྒྱལ་ཡུལ་སྐོར་བ། དེ་བཞིན་རྒྱལ་སྤྱིའི་སློབ་ཕྲུག ཡུལ་སྤོ་ལས་མི། སྐྱབས་བཅོལ་ཞུ་མཁན་བཅས་འཚུད་པ་ཡིན།

སྔོན་འགོག་སྨན་ཁབ་རྒྱག་པ་ཡིས་ཁྱེད་དང་ཁྱེད་ཀྱི་ནང་མི། དེ་བཞིན་ཁྱེད་ཀྱི་སྤྱི་ཚོགས་དེ་COVID-19 ནས་སྲུང་སྐྱོབ་བྱེད་ཐུབ།

ཨོ་སི་ཊོ་ལི་ཡའི་གཞུང་གིས་སྔོན་འགོག་སྨན་ཁབ་དེ་ངེས་པར་དུ་རྒྱག་དགོས་པ་བཟོས་མེད་པས། ཁྱེད་ཀྱིས་ COVID-19 ཁ་གཏད་དུ་སྔོན་འགོག་སྨན་ཁབ་མ་རྒྱག་པའི་གདམ་ག་བྱེད་ཆོག

མངའ་སྡེ་དང་ས་ཁུལ་གྱི་མང་ཚོགས་འཕྲོད་བསྟེན་བཀའ་རྒྱ་འགའ་ཤས་ཀྱིས་གནས་སྟངས་ངེས་ཅན་ནང་སྔོན་འགོག་སྨན་ཁབ་དེ་ངེས་པར་དུ་རྒྱག་དགོས་པ་བཟོོས་ཐུབ། དཔེར་ན། ལས་ཀའི་རིགས་འགའ་ཤས་དང་སྤྱི་ཚོགས་བྱེད་སྒོ་འགའ་ཤས་ཆེད་ལྟ་བུ།

སྔོན་འགོག་སྨན་ཁབ་དག་བདེ་འཇགས་ཡོད།

COVID-19 ཡི་སྔོན་འགོག་སྨན་ཁབ་དག་བདེ་འཇགས་ཡོད་པ་དང་ཚེ་སྲོག་སྐྱོབ་ཐུབ། ཨོ་སི་ཊོ་ལི་ཡའི་ནང་། གསོ་དཔྱད་དངོས་རྫས་འཛིན་སྐྱོང་ (TGA) ཡིས་མུ་མཐུད་ནས་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་བདེ་འཇགས་དང་ཟུར་ཕོག་དག་གི་ལྟ་རྟོག་དམ་པོ་བྱེད་ཀྱི་ཡོད།

ཨོ་སི་ཊོ་ལི་ཡའི་ནང་ཐོབ་རུང་ཡོད་པའི་སྔོན་འགོག་སྨན་ཁབ་རེ་རེའི་སྐོར་མང་བ་སྦྱོང་།:

སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས་གལ་ཏེ་ཁྱེད་ལ་དྲི་བ་འམ་སེམས་ཁྲལ་གང་ཡང་ཡོད་རུང་། ཁྱེད་ཀྱིས་སྔོན་འགོག་སྨན་ཁབ་རྒྱག་སའི་བརྟག་དཔྱད་ཁང་འམ་སྨན་པ་ལ་འབྲེལ་གཏུག་བྱ།

སུ་ཞིག་གིས་སྔོན་འགོག་སྨན་ཁབ་རྒྱག་དགོས་སམ།

སྐྱེ་བོ་ལོ་གྲངས་ 5 དང་དེ་ལས་བརྒལ་བ་ཚང་མས་ COVID-19 ཁ་གཏད་དུ་སྔོན་འགོག་སྨན་ཁབ་རྒྱག་དོས།

COVID-19 ནས་ནད་གཞི་ཚབས་ཆེན་ནམ་འཆི་སྐྱོན་མི་བྱུང་བའི་སྲུང་སྐྱོབ་ལེགས་ཤོས་རག་པར། ཁྱེད་ཀྱིས་སོ་སོའི་ལོ་གྲངས་དང་འཕྲོད་བསྟེན་དགོས་མཁོ་ཆེད་འོས་སྦྱོར་བྱས་པའི་སྨན་ཐུན་ཆ་ཚང་རྒྱག་དགོས།

གལ་ཏེ་བྱིས་པ་ཟླ་གྲངས་ 6 ནས་ལོ་གྲངས་ 4 དབར་ཡིན་པ་རྣམས་ལ་གཤམ་དག་ལྡན་ན། ཁོང་རྣམས་ COVID-19 ཡི་སྔོན་འགོག་སྨན་ཁབ་ཆེད་འོས་ཆོས་ལྡན་པ་ཡིན།:

  • ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་པ།
  • མི་ནུས་པའི་རང་བཞིན་ལྡན་པ། ཡང་ན།
  • COVID-19 ཚབས་ཆེན་ན་བའི་ཉེན་ཚབས་སྤེལ་བའི་འཕྲོད་བསྟེན་དཀའ་ངལ་རྙོག་འཛིང་ངམ་སྣ་མང་ལྡན་པ།

བྱིས་པ་ཟླ་གྲངས་ 6 ནས་ལོ་གྲངས་ 4 དབར་ཡིན་པ་རྣམས་ཀྱིས་གཤམ་དག་ངེས་པར་དུ་རྒྱག་དགོས།:

  • COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་ཐོག་མའི་སྨན་ཐུན་གཉིས།
  • གལ་ཏེ་ཁོང་རྣམས་ཀྱི་ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་ན། ཐོག་མའི་སྨན་ཐུན་གསུམ་པ་རྒྱག་དགོས།

བྱིས་པ་ལོ་གྲངས་ 5 ནས་ 17 རྣམས་ཀྱིས་གཤམ་དག་ངེས་པར་དུ་རྒྱག་དགོས།:

  • COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་ཐོག་མའི་སྨན་ཐུན་གཉིས།
  • གལ་ཏེ་ཁོང་རྣམས་ཀྱི་ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་ན། ཐོག་མའི་སྨན་ཐུན་གསུམ་པ་རྒྱག་དགོས།
  • གལ་ཏེ་གཤམ་དག་ལྡན་ན། ནུས་ཤུགས་སྤོར་བྱེད་སྨན་ཐུན་རྒྱག་དགོས།:
    • གལ་ཏེ་ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་པ།
    • མི་ནུས་པའི་རང་བཞིན་ལྡན་པ།
    • COVID-19 ཚབས་ཆེན་ན་བའི་ཉེན་ཚབས་སྤེལ་བའི་འཕྲོད་བསྟེན་དཀའ་ངལ་རྙོག་འཛིང་ངམ་སྣ་མང་ལྡན་པ།
    • དེ་དག་གིས་མཐའ་མའི་སྨན་ཐུན་ནམ་གཏན་འཁེལ་ཟིན་པའི་ COVID-19 ཡི་ནད་གཞི་ཕོག་སྟེ་ཟླ་བ་ 6 ཕྱིན་པ།

ཁྱེད་ཀྱི་བྱིས་པ་ཡིས་ནུས་ཤུགས་སྤོར་བྱེད་སྨན་ཐུན་རྒྱག་དགོས་མིན་ཐག་གཅོད་བྱེད་པའི་ཐད་ཁྱེད་ཀྱི་སྨན་པ་ཡིས་རོགས་པ་བྱེད་པ་ཡིན།

སྐྱེ་བོ་ལོ་གྲངས་ 18 འམ་དེ་ལས་བརྒལ་བ་ཚང་མས་གཤམ་གྱི་སྔོན་འགོག་སྨན་ཁབ་དག་རྒྱག་དགོས།:

  • COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་ཐོག་མའི་སྨན་ཐུན་གཉིས།
  • གལ་ཏེ་ཁོང་རྣམས་ཀྱི་ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་ན། ཐོག་མའི་སྨན་ཐུན་གསུམ་པ་རྒྱག་དགོས།

ལོ་གྲངས་ 18 དང་དེ་ལས་བརྒལ་བའི་སྐྱེ་བོ་སུ་ཞིག་གིས་གལ་ཏེ་སོ་སོའི་སྨན་ཐུན་མཐའ་མ་རྒྱག་པའམ་ COVID-19 ནད་གཞི་ཕོག་སྟེ་ཟླ་བ་ 6 ཕྱིན་ཡོད་ན། ཚང་མས་ནུས་ཤུགས་སྤོར་བྱེད་སྨན་ཐུན་རྒྱག་པའི་བསམ་ཞིབ་བྱེད་ཆོག

འདིར་ COVID-19 ཡི་ནུས་ཤུགས་སྤོར་བྱེད་སྨན་ཐུན་གྱི་སྨན་ཁབ་ལམ་སྟོན་ སྐོར་མང་བ་སྦྱོང་།

བྱིས་པ།

བྱིས་པ་ལོ་གྲངས་ 5 ནས་ 15 དབར་ཡིན་པ་རྣམས་ཀྱིས་སྨན་དཔྱད་ཁང་གི་བརྟག་དཔྱད་ལས་དེ་དག་གི་ COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས་ཀྱི་ཉིན་གྲངས་ནང་ཟུར་ཕོག་ཉུང་བ་བྱུང་བ་ AusVaxSafety ནས་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་བདེ་འཇགས་གཞི་གྲངས་ཀྱིས་སྙན་ཐོ་འགོད་འདུག

COVID-19 ཡི་སྔོན་འགོག་སྨན་ཁབ་དག་གིས་བྱིས་པའི་ནང་མ་འོངས་སྐྱེ་འཕེལ་ནུས་པ་ཉམས་པར་བྱེད་པའི་དཔང་རྟགས་མེད།

འདིར་བྱིས་པ་དང་བཅུ་ཐོག་ན་གཞོན་རྣམས་ཀྱི་ཆེད་ COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར་མང་བ་སྦྱོང་།

སྦྲུམ་མ་འམ་ནུ་ཞོ་སྤྲོད་མཁན་བུད་མེད།

གལ་ཏེ་ཁྱེད་ཉིད་སྦྲུམ་མ་ཡིན་པ་དང་ནུ་ཞོ་སྤྲོད་ཀྱི་ཡོད་པའམ། སྦྲུམ་མ་ཆགས་པའི་འཆར་གཞི་སྒྲིག་གི་ཡོད་ན། COVID-19 ཡི་སྔོན་འགོག་སྨན་ཁབ་དག་བདེ་འཇགས་ཡོད། ཁྱེད་ཀྱིས་སྦྲུམ་མའི་གནས་སྐབས་གང་དུའང་སྔོན་འགོག་སྨན་ཁབ་རྒྱག་ཆོག

འདིར་སྦྲུམ་མ་དང་ནུ་ཞོ་སྤྲོད་ཚུལ། དེ་བཞིན་ COVID-19 ཡི་སྔོན་འགོག་སྨན་ཁབ་དག་གི་སྐོར་མང་བ་སྦྱོང་།

མི་ནུས་པའི་རང་བཞིན་ལྡན་པའི་སྐྱེ་བོ།

མི་ནུས་པའི་རང་བཞིན་ལྡན་པའི་སྐྱེ་བོ་རྣམས་ལ་ COVID-19 ནས་ནད་གཞི་ཚབས་ཆེན་ན་བའི་ཉེན་ཚབས་ཆེ་བ་ཡོད་པའི་དཀའ་ངལ་འཕྲད་པས། ཁོང་རྣམས་ཀྱིས་ངེས་པར་དུ་སྔོན་འགོག་སྨན་ཁབ་རྒྱག་དགོས།

གལ་ཏེ་ཁྱེད་ལ་རོགས་རམ་འམ་རམ་འདེགས་འཕར་མ་དགོས་ན། ཁྱེད་ཀྱིས་ Disability Gateway Helpline ལ་ 1800 643 787 ཐོག་ཁ་པར་གཏོང་ཆོག ཁོང་ཚོས་ཁྱེད་ཆེད་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་ཐུབ།

གལ་ཏེ་ཁྱེད་ལ་སྐད་སྒྱུར་བ་ཞིག་དགོས་ན། ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ལ་ 131 450 ཐོག་ཁ་པར་གཏོང་སྟེ་ཁོང་ཚོ་ལ་ Disability Gateway ལ་ཁ་པར་གཏོང་བའི་རེ་སྐུལ་ཞུ།

འཕྲོད་བསྟེན་དཀའ་ངལ་ཡོད་བཞིན་པའི་སྐྱེ་བོ་ཚོའི་ཆེད།

འཕྲོད་བསྟེན་དཀའ་ངལ་ཡོད་བཞིན་པའི་སྐྱེ་བོ་རྣམས་ལ་ COVID-19 ནས་ནད་གཞི་ཚབས་ཆེ་ན་བའི་ཉེན་ཚབས་ཆེ་བ་ཡོད་པས་ངེས་པར་དུ་སྔོན་འགོག་སྨན་ཁབ་རྒྱག་དགོས།

ཁྱེད་ཀྱི་གནས་སྟངས་ཆེད་སྔོན་འགོག་སྨན་ཁབ་ལེགས་ཤོས་གང་ཡིན་སྐོར་སོ་སོའི་རྒྱུན་ལྡན་འཕྲོད་བསྟེན་ལྟ་སྐྱོང་མཁོ་སྤྲོད་པའི་ལྷན་བཀའ་མོལ་ཞུ།

སྔོན་འགོག་སྨན་ཁབ་གང་དུ་རྒྱག་དགོས་སམ།

ཁྱེད་ཀྱིས་གཤམ་འཁོད་ས་ཚིགས་སུ་ COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་ཐུབ།:

  • Commonwealth སྔོན་འགོག་སྨན་ཁབ་ཀྱི་སྨན་དཔྱད་ཁང་།
  • མཉམ་ཞུགས་བྱེད་པའི་སྤྱིར་བཏང་སྨན་དཔྱད་ཁང་།
  • Aboriginal Controlled Community Health Services
  • མངའ་སྡེ་དང་ས་ཁུལ་གྱི་སྔོན་འགོག་སྨན་ཁབ་སྨན་དཔྱད་ཁང་།
  • མཉམ་ཞུགས་བྱེད་པའི་སྨན་རིགས་ཚོང་ཁང་།

སྤྱིར་བཏང་སྨན་པ་དག་གིས་ཁྱེད་སར་ནས་སྔོན་འགོག་སྨན་ཁབ་ཀྱི་རིན་དོད་བླངས་མི་ཆོག

ཁྱེད་ཀྱི་སར་ནས་སྔོན་འགོག་སྨན་ཁབ་རྒྱག་སའི་སྨན་དཔྱད་ཁང་ཉེ་ཤོས་ཤིག་འཚོལ་བ་དང་། སོ་སོའི་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་པར། Vaccine Clinic Finder (སྔོན་འགོག་སྨན་ཁབ་རྒྱག་སའི་སྨན་དཔྱད་ཁང་འཚོལ་ཆས་) བེད་སྤྱོད་བྱ།

གལ་ཏེ་ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་སའི་དུས་ར་རུ་ཁ་པར་འམ་ས་དངོས་སུ་སྐད་སྒྱུར་བ་ཞིག་དགོས་ན། ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ཆེད་ 131 450 སྟེང་ཁ་པར་གཏོང་།

EVA ཞེས་སྔོན་འགོག་སྨན་ཁབ་ལྟ་སྤྱོད་བདེ་པོ་ཞེས་ཀྱང་གྲགས་པ་ཡིན། དེ་ནི་ཁྱེད་ཀྱི་སྐད་ཡིག་ཐོག་ཁ་པར་བརྒྱུད་ནས་ COVID-19 ཡི་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་རྒྱུ་རོགས་པ་བྱེད་པའི་ཞབས་ཞུ་ཞིག་ཡིན། EVA ནི་བདུན་ཕྲག་རེར་ཉིན་ 7 དང་ (AEST) སྔ་དྲོ་ཚོུད་ 7 ནས་དགོང་དྲོ་ཚོུད་ 10 བར་བཀོལ་སྤྱོད་བྱེད་ཀྱི་ཡོད། འདིར་ EVA སྐོར་མང་བ་སྦྱོང་།

གལ་ཏེ་ཁྱེད་ལ་ Medicare བྱང་བུ་མེད་ན།

གལ་ཏེ་ཁྱེད་ལ་ Medicare བྱང་བུ་མེད་ན། ཁྱེད་ཀྱིས་སྤྱི་ཚོགས་སྨན་རིགས་ཚོང་ཁང་དང་མངའ་སྡེ་འམ་ས་ཁུལ་གྱི་སྔོན་འགོག་སྨན་ཁབ་ཀྱི་སྨན་དཔྱད་ཁང་དག་ནས་སོ་སོའི་རིན་མེད་སྔོན་འགོག་སྨན་ཁབ་བླངས་ཐུབ། (ད་དུང་ཡང་དེ་དག་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་ས་ཚིགས་ནས།)

ཁྱེད་ཀྱིས་ COVID-19 ཡི་སྔོན་འགོག་སྨན་ཁབ་མ་རྒྱག་གོང་།

གལ་ཏེ་ཁྱེད་ཀྱིས་སྔོན་འགོག་སྨན་ཁབ་ད་དུང་རྒྱག་མེད་ན། དུས་ར་ཞིག་སྔོན་མངགས་བྱ།

སྨན་དཔྱད་ཁང་ཞིག་འཚོལ་ཏེ་སྔོན་མངགས་བྱ།

གལ་ཏེ་ཁྱེད་ལ་ Medicare བྱང་བུ་ཡོད་ན། ཁྱེད་ཀྱི་ཞིབ་ཕྲ་དག་དུས་དང་མཐུན་པ་ཡིན་པའི་ཞིབ་བཤེར་བྱ།:

ཁྱེད་ཀྱིས་དུས་ར་མ་བཟོས་གོང་ངམ། གལ་ཏེ་ཁྱེད་ཀྱིས་མི་གཞན་ཞིག་ཆེད་སྔོན་འགོག་སྨན་ཁབ་རྒྱག་པའི་ཐག་གཅོད་བྱེད་ཀྱི་ཡོད་ན། ཁྱེད་ལ་ཆོག་མཆན་འགེང་ཤོག་ཞིག་འགེང་དགོས་རྒྱུ་བརྗོད་པ་ཡིན།

ཆོག་མཆན་འགེང་ཤོག་དེ་ཀློག

བྱིས་པ་ལོ་གྲངས་ 5 ནས་ 11 རྣམས་ཀྱི་ཆེད་ཆ་འཕྲིན་དང་ཆོག་མཆན་འགེང་ཤོག་དེ་ཀློག

ཁྱེད་ཀྱིས་ COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས།

མི་འཕྲོད་པའི་ལྡོག་འཕྲོས་དཀོན་པོ་ནང་། ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས་ཉུང་མཐར་སྐར་མ་ 15 རིང་ལྟ་རྟོག་བྱེད་པ་ཡིན། ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་པའི་སྐྱེ་བོ་དེར། དེ་མ་ཐག་འཕྲལ་གྱི་ལྡོག་འཕྲོས་དག་གི་སྟེང་ཡ་ལན་སྤྲོད་ཕྱོགས་ཐད་སྦྱོང་བརྡར་སྤྲོད་ཟིན་པ་ཞིག་ཡིན།

སྤྱིར་བཏང་ནས་ COVID-19 ཡི་སྔོན་འགོག་སྨན་ཁབ་དག་ནས་བྱུང་བའི་ཟུར་ཕོག་དག་འཇམ་པོ་དང་དེ་དག་ཉིན་གྲངས་ 1 ནས་ 2 ནང་འཚུད་དྲག་བསྐྱེད་འགྲོ་ཡི་ཡོད། རྒྱུན་ལྡན་ཟུར་ཕོག་ནང་གཤམ་དག་འཚུད་པ་ཡིན།:

  • སྨན་ཁབ་རྒྱག་སའི་ལག་ངར་དུ་ན་ཟུག་གཏོང་བ།
  • ཐང་ཆད་པ།
  • མགོ་ན་བ།
  • ཤ་གནད་ན་བ།
  • ཚ་བ་འབར་བ་དང་གྲང་ཤུར་རྒྱག་པ།

སྨན་འམ་སྔོན་འགོག་སྨན་ཁབ་གང་ཡང་ལྷན་བྱུང་བ་བཞིན། དེར་ཟུར་ཕོག་དཀོན་པོའམ་མི་ཤེས་པ་རིགས་བྱུང་སྲིད་པ་ཡིན། གལ་ཏེ་ཁྱེད་ཀྱི་བསམ་པར་སོ་སོར་ཟུར་ཕོག་ལྗིད་པོ་འདུག་སྙམ་ན། ཁྱེད་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཆེད་ལས་སམ་རྒྱལ་ནང་ཏོག་དབྱིབས་གཉན་རིམས་རོགས་རམ་མཐུད་ཁ་ལ་འབྲེལ་གཏུག་བྱ།

1800 020 080

གལ་ཏེ་ཁྱེད་ལ་སྐད་སྒྱུར་བ་ཞིག་དགོས་ན། རྒྱལ་ནང་ཏོག་དབྱིབས་གཉན་རིམས་རོགས་རམ་མཐུད་ཁ་ལ་ཁ་པར་གཏོང་སྟེ་གདམ་ག་ 8 འདེམས།

སྔོན་འགོག་སྨན་ཁབ་རྒྱག་པའི་དཔང་རྟགས།

ཁྱེད་ཀྱིས་ནད་སྲུང་ལོ་རྒྱུས་བསྒྲགས་གཏམ་ལྟ་སྤྱོད་བྱེད་པའི་སྒོ་ནས། སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་པའི་དཔང་རྟགས་བླངས་ཐུབ།

ཁྱེད་ཀྱིས་གཤམ་འཁོད་དག་བརྒྱུད་ནས་སོ་སོའི་ནད་སྲུང་ལོ་རྒྱུས་བསྒྲགས་གཏམ་ལྟ་སྤྱོད་བྱེད་ཐུབ།:

གལ་ཏེ་ཁྱེད་ལ་ Medicare བྱང་བུ་མེད་པའམ། myGov ཐོ་ཁོངས་སྟེང་ལྟ་སྤྱོད་མེད་ན། ཁྱེད་ཀྱིས་གཤམ་དག་བརྒྱུད་ནས་སོ་སོའི་ནད་སྲུང་ལོ་རྒྱུས་བསྒྲགས་གཏམ་ལྟ་སྤྱོད་བྱེད་ཆོག:

  • ཁྱེད་ཀྱིས་སོ་སོའི་སྔོན་འགོག་སྨན་ཁབ་རྒྱག་མཁན་ལ་དེའི་འདྲ་བཤུས་ཤིག་པར་སྐྲུན་བྱེད་པའི་རེ་སྐུལ་ཞུ། ཡང་ན།
  • ཨོ་སི་ཊོ་ལི་ཡའི་ནད་སྲུང་དེབ་སྐྱེལ་འདྲི་ཞིབ་མཐུད་ཁ་ 1800 653 809 (AEST སྔ་དྲོ་ཚོུད་ 8 ནས་ཕྱི་དྲོ་ཚོུད་ 5 བར།) ཐོག་ཁ་པར་གཏོང་སྟེ་ཁོང་ཚོ་ལ་སོ་སོའི་བསྒྲགས་གཏམ་དེ་ཁྱེད་ཀྱི་སྦྲག་འཕྲིན་ནང་གཏོང་བའི་རེ་སྐུལ་ཞུ། སྦྲག་འཕྲིན་དེ་སྦྲག་སྒམ་ནང་འབྱོར་བར་ཉིན་གྲངས་ 14 བར་དུ་འགོར་བ་ཡིན།

ཁྱེད་ཀྱིས་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་ཟིན་པའི་དཔང་རྟགས་བླངས་ཚུལ་སྐོར་གྱི་ཞིབ་ཕྲའི་ཆ་འཕྲིན་ཆེད། Services Australia དྲྭ་ཚིགས་སྟེང་བསྐྱོད།

གནས་ཚུལ་ཁུངས་ལྡན་ཆེད་གང་དུ་བསྐྱོད་དགོས་སམ།

གཞུང་འབྲེལ་དྲྭ་ཚིགས་དང་ཁུངས་ལྡན་ཡོང་ཁུངས་དག་ནས་ COVID-19 དང་ COVID-19 ཡི་སྔོན་འགོག་སྨན་ཁབ་ལས་རིམ་སྐོར་གྱི་གནས་ཚུལ་བརྡ་ལན་ཡོད་པ་གནས་རྒྱུ་གལ་ཆེན་པོ་ཡིན།

COVID-19 ཡི་སྔོན་འགོག་སྨན་ཁབ་དག་གི་རྒྱུན་ལྡན་དྲི་བ་སྟེང་གི་ལན་འདེབས་རྣམས་སྐད་ཡིག་ 63 ནང་ཐོབ་རུང་ཡོད།

COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར་གྱི་སྐད་ཡིག་སོ་སོའི་ཐོག་གི་གནས་ཚུལ་འདྲེན་པའི་ཆ་འཕྲིན་ཐུམ་སྒྲིལ་ཞིག་ཐོབ་རུང་ཡོད།

ཁྱེད་ཀྱི་སྐད་ཡིག་ཐོག་ COVID-19 སྐོར་གྱི་ཆ་འཕྲིན་དག་ཀློག

རྒྱུ་ཆ།

འདིར་ཕབ་སྒྱུར་ཟིན་པའི་ COVID-19 ཡི་སྔོན་འགོག་སྨན་ཁབ་ཆ་འཕྲིན་དག་ཀློག

Last updated:

Help us improve health.gov.au

If you would like a response please use the enquiries form instead.