COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར།

ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་སྐྱེ་བོ་ལོ་གྲངས་ 5 དང་དེ་ལས་བརྒལ་བ་ཚང་མས་སོ་སོའི་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་ཐུབ།

སྨན་དཔྱད་ཁང་ཞིག་འཚོལ་ཏེ་སྔོན་མངགས་བྱ།

COVID-19 ཡི་སྔོན་འགོག་སྨན་ཁབ་དག་ནི་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་སྐྱེ་བོ་ཚང་མའི་ཆེད་རིན་མེད་ཡིན། འདིའི་ཁོངས་ Medicare བྱང་བུ་མེད་པའི་སྐྱེ་བོ་དང་ཕྱི་རྒྱལ་ཡུལ་སྐོར་བ། དེ་བཞིན་རྒྱལ་སྤྱིའི་སློབ་ཕྲུག ཡུལ་སྤོ་ལས་མི། སྐྱབས་བཅོལ་ཞུ་མཁན་བཅས་འཚུད་པ་ཡིན། སྔོན་འགོག་སྨན་ཁབ་རྒྱག་པ་ཡིས་ཁྱེད་དང་ཁྱེད་ཀྱི་ནང་མི། དེ་བཞིན་ཁྱེད་ཀྱི་སྤྱི་ཚོགས་དེ་COVID-19 ནས་སྲུང་སྐྱོབ་བྱེད་ཐུབ།

ཨོ་སི་ཊོ་ལི་ཡའི་གཞུང་གིས་སྔོན་འགོག་སྨན་ཁབ་ངེས་པར་དུ་རྒྱག་དགོས་པའི་ཁྲིམས་བཟོས་མེད་པ་དང་། ཁྱེད་ཀྱིས་ COVID-19 ཁ་གཏད་དུ་སྔོན་འགོག་སྨན་ཁབ་མ་རྒྱག་པའི་གདམ་ག་བྱེད་ཆོག

མངའ་སྡེ་དང་ས་ཁུལ་གྱི་མང་ཚོགས་འཕྲོད་བསྟེན་བཀའ་རྒྱ་འགའ་ཤས་ཀྱིས་གནས་སྟངས་ངེས་ཅན་ནང་སྔོན་འགོག་སྨན་ཁབ་དེ་ངེས་པར་དུ་རྒྱག་དགོས་པ་བཟོོས་ཐུབ། དཔེར་ན། ལས་ཀའི་རིགས་འགའ་ཤས་དང་སྤྱི་ཚོགས་བྱེད་སྒོ་འགའ་ཤས་ཆེད་ལྟ་བུ།

སྔོན་འགོག་སྨན་ཁབ་དག་རྒྱག་རྒྱུ་བདེ་འཇགས་ཡོད

COVID-19 ཡི་སྔོན་འགོག་སྨན་ཁབ་དག་བདེ་འཇགས་ཡོད་པ་དང་། དེས་ཚེ་སྲོག་སྐྱོབ་པ་ཡིན། ཨོ་སོ་ཊོ་ལི་ཡའི་ནང་། Therapeutic Goods Administration (གསོ་དཔྱད་དངོས་རྫས་འཛིན་སྐྱོང་ (TGA)) ཡིས་མུ་མཐུད་ནས་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་བདེ་འཇགས་དང་ཟུར་ཕོག་དག་གི་ལྟ་རྟོག་དམ་པོ་བྱེད་ཀྱི་ཡོད།

ཨོ་སི་ཊོ་ལི་ཡའི་ནང་ཐོབ་རུང་ཡོད་པའི་སྔོན་འགོག་སྨན་ཁབ་རེ་རེའི་སྐོར་མང་བ་སྦྱོང་།:

གལ་ཏེ་ཁྱེད་ཉིད་གཉན་སྲིན་ལྷན་འབྲེལ་གཏུག་བྱུང་བ་ཡིན་ན། COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱིས་ཁྱེད་ཀྱི་ལུས་པོ་ལ་གཉན་སྲིན་འདོར་ཚུལ་སློབ་པ་ཡིན།

སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས་གལ་ཏེ་ཁྱེད་ལ་དྲི་བ་འམ་སེམས་ཁྲལ་གང་ཡང་ཡོད་རུང་། ཁྱེད་ཀྱིས་སྔོན་འགོག་སྨན་ཁབ་རྒྱག་སའི་བརྟག་དཔྱད་ཁང་འམ་སྨན་པ་ལ་འབྲེལ་གཏུག་བྱ།

ཁྱེད་ཀྱིས་སོ་སོའི་སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས་ཚོད་དཔག་གང་བྱེད་ཆོག་པའི་སྐོར་མང་བ་སྦྱོང་།

སུ་ཞིག་གིས་སྔོན་འགོག་སྨན་ཁབ་རྒྱག་དགོས་སམ།

སྐྱེ་བོ་ལོ་གྲངས་ 5 དང་དེ་ལས་བརྒལ་བ་ཚང་མས་ COVID-19 ཁ་གཏད་དུ་སྔོན་འགོག་སྨན་ཁབ་རྒྱག་དགོས།

COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་པ་ཡིས་ཁྱེད་ཉིད་ COVID-19 ནས་ནད་པ་ཚབས་ཆེ་ཆགས་པའམ་འཆི་སྐྱོན་བྱུང་བ་ནས་སྲུང་སྐྱོབ་བྱེད་པ་ཡིན།

སྔོན་འགོག་སྨན་ཁབ་རྒྱག་པ་ཡིས་གཉན་སྲིན་གྱི་ཁྱབ་གདལ་དལ་དུ་གཏོང་བའི་སྒོ་ནས་ཁྱེད་ཀྱི་ཉེ་འཁོར་སྐྱེ་བོ་རྣམས་ཀྱང་སྲུང་སྐྱོབ་བྱེད་པ་ཡིན།

ཁྱེད་ཉིད་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་ལྷན་དུས་དང་མཐུན་པ་གནས་པར། ཁྱེད་ཀྱིས་ངེས་པར་དུ་སོ་སོའི་ལོ་གྲངས་དང་འཕྲོད་བསྟེན་དགོས་མཁོ་དག་གི་ཆེད་འོས་སྦྱོར་བྱས་པའི་སྨན་ཐུན་ཆ་ཚང་རྒྱག་དགོས།

བྱིས་པ་ལོ་གྲངས་5 ནས་ 15རྣམས་ཀྱིས་གཤམ་དག་ངེས་པར་དུ་རྒྱག་དགོས།:

  • COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་ཐོག་མའི་སྨན་ཐུན་ 1 དང་ 2 པ་རྒྱག་དགོས།
  • གལ་ཏེ་ཁོང་རྣམས་ཀྱི་ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་ན། ཐོག་མའི་སྨན་ཐུན་ 3 རྒྱག་དགོས།

སྐྱེ་བོ་ལོ་གྲངས་16 དང་དེ་ལས་བརྒལ་བ་རྣམས་ཀྱིས་གཤམ་དག་ངེས་པར་དུ་རྒྱག་དགོས།:

  • COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་ཐོག་མའི་སྨན་ཐུན་ 1 དང་ 2 པ་རྒྱག་དགོས།
  • གལ་ཏེ་ཁོང་རྣམས་ཀྱི་ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་ན། ཐོག་མའི་སྨན་ཐུན་ 3 རྒྱག་དགོས།
  • COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་ནུས་ཤུགས་སྤོར་བྱེད་སྨན་ཐུན།

གལ་ཏེ་ཁྱེད་ཀྱིས་སོ་སོའི་ནུས་ཤུགས་སྤོར་བྱེད་སྨན་ཐུན་དེ་ཟླ་བ་ 4 གོང་རྒྱག་ཟིན་པ་དང་ཁྱེད་ལ་གཤམ་དག་ལྡན་ན། ཁྱེད་ཀྱིས་ COVID-19 ཡི་དགུན་ཁའི་སྨན་ཐུན་ཡང་རྒྱག་དགོས།:

  • ལོ་གྲངས་ 65 འམ་དེ་ལས་རྒན་པ་ཡིན་པ།
  • རྒན་གསོ་ཁང་ངམ་མི་ནུས་པའི་རང་བཞིན་ལྟ་སྐྱོང་མཐུན་རྐྱེན་དུ་གནས་སྡོད་བྱེད་ཀྱི་ཡོད་པ།
  • ལོ་གྲངས་ 16 དང་དེ་ལས་བརྒལ་བ་ཡིན་པ་དང་། ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་པ།
  • གདོད་མ་འམ་ཊོ་རེས་སི་ཊེ་རེཌ་གླིང་ཕྲན་པ་ཡིན་པ་དང་། ལོ་གྲངས་ 50 དང་དེ་ལས་བརྒལ་བ་ཡིན་པ།

གལ་ཏེ་ཁྱེད་ཀྱི་ COVID-19 ཡི་བརྟག་དཔྱད་མཇུག་འབྲས་པོ་སི་ཊིཝ་ཐོན་ཡོད་ན། ཁྱེད་ཀྱིས་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཐུན་རྗེས་མ་དེ་མ་རྒྱག་གོང་ཟླ་བ་ 3 སྒུག་དགོས་པའི་འོས་སྦྱོར་ཞུ་ཡི་ཡོད།

སྐྱེ་བོ་སུ་ཞིག་གིས་སོ་སོའི་ནུས་ཤུགས་སྤོར་བྱེད་སྨན་ཐུན་རྒྱག་པའི་རྗེས་ COVID-19 ཕོག་པ་རྣམས་ཀྱིས་དགུན་ཁའི་སྨན་ཐུན་མ་རྒྱག་གོང་ཉུང་མཐར་ཟླ་བ་ 3 སྒུག་དགོས་པ་ཡིན།

ཁྱེད་ཉིད་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་དག་གི་ལྷན་དུས་དང་མཐུན་པ་གནས་རྒྱུ་གལ་ཆེན་པོ་ཡིན། སྐྱེ་བོ་མི་འདྲ་ལ་དུས་ཚོད་མི་འདྲ་ཐོག་ COVID-19 ཡི་སྔོན་འགོག་སྨན་ཁབ་མི་འདྲ་ལྡན་དགོས་སྲིད་པ་ཡིན། ཁྱེད་དང་ཁྱེད་ཀྱི་ནང་མི་ཡིས་སྔོན་འགོག་སྨན་ཁབ་དག་གི་ལྷན་དུས་དང་མཐུན་པ་གནས་པར་གང་བྱེད་དགོས་སྐོར་ཤེས་པར། སོ་སོའི་འཕྲོད་བསྟེན་ལྟ་སྐྱོང་མཁོ་སྤྲོད་པའི་ལྷན་བཀའ་མོལ་ཞུ།

བྱིས་པ།

COVID-19 ཡི་སྔོན་འགོག་སྨན་ཁབ་དག་བྱིས་པའི་ཆེད་བདེ་འཇགས་ཡོད།

སྔོན་འགོག་སྨན་ཁབ་རྒྱག་པའི་བྱིས་པ་ཡིས་གཉན་སྲིན་དེ་སྤུན་མཆེད་ཆུང་བ་དང་རྒན་རྒོན། དེ་བཞིན་རྒྱ་ཆེ་སྤྱི་ཚོགས་སྟེང་ཁྱབ་གདལ་གཏོང་རྒྱུ་སྔོན་འགོག་བྱེད་པ་ཡིན།

བྱིས་པ་དང་བཅུ་ཐོག་ན་གཞོན་རྣམས་ཀྱི་ཆེད་ COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར་མང་བ་སྦྱོང་།

སྦྲུམ་མ་དང་ནུ་ཞོ་སྤྲོད་མཁན་བུད་མེད།

གལ་ཏེ་ཁྱེད་ཉིད་སྦྲུམ་མ་དང་ནུ་ཞོ་སྤྲོད་ཀྱི་ཡོད་པའམ་སྦྲུམ་མ་ཆགས་པའི་འཆར་གཞི་སྒྲིག་གི་ཡོད་ན། COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་རྒྱུར་བདེ་འཇགས་ཡོད། ཁྱེད་ཀྱིས་སྦྲུམ་མའི་གནས་སྐབས་གང་དུའང་སྔོན་འགོག་སྨན་ཁབ་རྒྱག་ཆོག

སྦྲུམ་མ་དང་ནུ་ཞོ་སྤྲོད་པ། དེ་བཞིན་ COVID-19 ཡི་སྔོན་འགོག་སྨན་ཁབ་དག་གི་སྐོར་མང་བ་སྦྱོང་།

མི་ནུས་པའི་རང་བཞིན་ལྡན་པའི་སྐྱེ་བོ།

མི་ནུས་པའི་རང་བཞིན་ལྡན་པའི་སྐྱེ་བོ་རྣམས་ COVID-19 ནས་ནད་པ་ཚབས་ཆེ་ཆགས་པའི་ཉེན་ཁ་ཆེ་བ་ཡོད་པས་ངེས་པར་དུ་སྔོན་འགོག་སྨན་ཁབ་རྒྱག་དགོས།

གལ་ཏེ་ཁྱེད་ལ་རོགས་རམ་འམ་རམ་འདེགས་འཕར་མ་དགོས་ན། ཁྱེད་ཀྱིས་ Disability Gateway Helpline ལ་ 1800 643 787 ཐོག་ཁ་པར་གཏོང་ཆོག ཁོང་ཚོས་ཁྱེད་ཆེད་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་ཐུབ།

གལ་ཏེ་ཁྱེད་ལ་སྐད་སྒྱུར་བ་ཞིག་དགོས་ན། ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ལ་ 131 450 ཐོག་ཁ་པར་གཏོང་སྟེ་ཁོང་ཚོ་ལ་ Disability Gateway ལ་ཁ་པར་གཏོང་བའི་རེ་སྐུལ་ཞུ།

འཕྲོད་བསྟེན་དཀའ་ངལ་ཡོད་བཞིན་པའི་སྐྱེ་བོ་ཚོའི་ཆེད།

འཕྲོད་བསྟེན་དཀའ་ངལ་ཡོད་བཞིན་པའི་སྐྱེ་བོ་རྣམས་ COVID-19 ནས་ནད་པ་ལྗིད་པོ་ཆགས་པའི་ཉེན་ཚབས་ཆེ་བ་ཡོད་པས་ངེས་པར་དུ་སྔོན་འགོག་སྨན་ཁབ་རྒྱག་དགོས།

ཁྱེད་ཀྱི་གནས་སྟངས་ཆེད་སྔོན་འགོག་སྨན་ཁབ་ལེགས་ཤོས་གང་ཡིན་སྐོར་སོ་སོའི་རྒྱུན་ལྡན་འཕྲོད་བསྟེན་ལྟ་སྐྱོང་མཁོ་སྤྲོད་པའི་ལྷན་བཀའ་མོལ་ཞུ།

སྔོན་འགོག་སྨན་ཁབ་གང་དུ་རྒྱག་དགོས་སམ།

ཁྱེད་ཀྱིས་གཤམ་འཁོད་ས་ཚིགས་སུ་ COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་ཐུབ།:

  • Commonwealth སྔོན་འགོག་སྨན་ཁབ་ཀྱི་སྨན་དཔྱད་ཁང་།
  • མཉམ་ཞུགས་བྱེད་པའི་སྤྱིར་བཏང་སྨན་དཔྱད་ཁང་།
  • Aboriginal Controlled Community Health Services
  • མངའ་སྡེ་དང་ས་ཁུལ་གྱི་སྔོན་འགོག་སྨན་ཁབ་སྨན་དཔྱད་ཁང་།
  • མཉམ་ཞུགས་བྱེད་པའི་སྨན་རིགས་ཚོང་ཁང་།

སྤྱིར་བཏང་སྨན་པ་དག་གིས་ཁྱེད་སར་ནས་སྔོན་འགོག་སྨན་ཁབ་ཀྱི་རིན་དོད་བླངས་མི་ཆོག

ཁྱེད་ཀྱི་སར་ནས་སྔོན་འགོག་སྨན་ཁབ་རྒྱག་སའི་སྨན་དཔྱད་ཁང་ཉེ་ཤོས་ཤིག་འཚོལ་བ་དང་། སོ་སོའི་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་པར། Vaccine Clinic Finder (སྔོན་འགོག་སྨན་ཁབ་རྒྱག་སའི་སྨན་དཔྱད་ཁང་འཚོལ་ཆས་) བེད་སྤྱོད་བྱ། གལ་ཏེ་ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་སའི་དུས་ར་རུ་ཁ་པར་འམ་ས་དངོས་སུ་སྐད་སྒྱུར་བ་དགོས་ན། ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ཆེད་ 131 450 སྟེང་ཁ་པར་གཏོང་།

གལ་ཏེ་ཁྱེད་ལ་ Medicare བྱང་བུ་མེད་ན།

གལ་ཏེ་ཁྱེད་ལ་ Medicare བྱང་བུ་མེད་ན། གཤམ་འཁོད་ས་ཚིགས་སུ་ཁྱེད་ལ་རིན་མེད་སྔོན་འགོག་སྨན་ཁབ་རག་ཐུབ།:

  • Commonwealth སྔོན་འགོག་སྨན་ཁབ་ཀྱི་སྨན་དཔྱད་ཁང་།
  • མངའ་སྡེ་འམ་ས་ཁུལ་གྱི་སྔོན་འགོག་སྨན་ཁབ་སྨན་དཔྱད་ཁང་།
  • མཉམ་ཞུགས་བྱེད་པའི་སྨན་རིགས་ཚོང་ཁང་།

‘ཧེ། ཨི་ཝ།’ – སྔོན་ཁབ་ལྟ་སྤྱོད་སླ་པོ།

EVA ནི་ཁ་པར་སླར་གཏོང་བྱེད་པའི་ཞབས་ཞུ་སྟབས་བདེ་ཞིག་ཡིན། དེ་ཡིས་མི་རྣམས་ལ་ COVID-19 ཡི་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་རྒྱུའི་རོགས་པ་བྱེད་པ་ཡིན། EVA ནི་གཟའ་འཁོར་གཅིག་ལ་ཉིན་གྲངས་ 7 དང་སྔ་དྲོ་ཆུ་ཚོད་ 7 ནས་ 10 བར་བཀོལ་སྤྱོད་བྱེད་ཀྱི་ཡོད།

གལ་ཏེ་ཁྱེད་ལ་ COVID-19 ཡི་སྔོན་འགོག་སྨན་ཁབ་ཞིག་སྔོན་མངགས་བྱེད་པའི་རོགས་པ་ལྡན་དགོས་ན། 0481 611 382 ཐོག་ ‘ཧེ། ཨི་ཝ།’ ཞེས་འཕྲིན་ཐུང་གཏོང་།

ཁྱེད་ཀྱིས་ EVA ལ་འཕྲིན་ཐུང་གཏོང་སྐབས། ཁྱེད་ལ་གཤམ་གྱི་ཆ་རྐྱེན་དག་སྐད་ཆ་འདྲི་བའི་ལན་འདེབས་ཤིག་འབྱོར་བ་ཡིན།:

  • མིང་།
  • དགའ་འདེམས་བྱེད་པའི་སྐད་ཡིག
  • དགའ་འདེམས་བྱེད་པའི་ཚེས་གྲངས་དང་དུས་ཚོད།
  • ཁ་པར་སླར་གཏོང་བྱེད་ཆེད་ཨང་གྲངས་ལེགས་ཤོས།

འཆར་འགོད་བྱས་པའི་དུས་ཚོད་ཐོག་ National Coronavirus Helpline ནས་སྦྱོང་བརྡར་ཟིན་པའི་བཀོལ་སྤྱོད་པ་ཞིག་གིས་ཁྱེད་ལ་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་སྔོན་མངགས་བྱེད་པའི་རོགས་པ་བྱེད་པ་ཡིན།

EVA ཡིས་ COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར་གྱི་ཆ་འཕྲིན་དང་ལམ་སྟོན་མཁོ་འབུལ་བྱེད་པ་དང་། གཤམ་དག་གི་ཐོག་རོགས་པ་བྱེད་པ་ཡིན།:

  • COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར་གྱི་ཆ་འཕྲིན་དང་ལམ་སྟོན་མཁོ་སྤྲོད་བྱེད་པ།
  • ཁྱེད་ལ་ཐད་ཀར་བསྐྱོད་ཆོག་པའི་སྨན་དཔྱད་ཁང་འཚོལ་བའི་རོགས་པ་བྱེད་པ།
  • ཁྱེད་ལ་འོས་མཚམས་ལྡན་པའི་སྔོན་འགོག་སྨན་ཁབ་ཀྱི་དུས་ར་ཞིག་འཚོལ་རོགས་པ་བྱེད་པ།
  • ཁྱེད་ཉིད་རིན་མེད་སྐད་སྒྱུར་རམ་འདེགས་སྟེང་སྦྲེལ་མཐུད་བྱེད་པའི་་རོགས་པ་བྱེད་པ་ཡིན།

ཁྱེད་ཀྱིས་ COVID-19 ཡི་སྔོན་འགོག་སྨན་ཁབ་མ་རྒྱག་གོང་།

གལ་ཏེ་ཁྱེད་ཀྱིས་སྔོན་འགོག་སྨན་ཁབ་རྒྱག་མེད་ན། དུས་ར་ཞིག་སྔོན་མངགས་བྱ།

སྨན་དཔྱད་ཁང་ཞིག་འཚོལ་ཏེ་སྔོན་མངགས་བྱ།

གལ་ཏེ་ཁྱེད་ལ་ Medicare བྱང་བུ་ཡོད་ན། ཁྱེད་ཀྱི་ཞིབ་ཕྲ་དག་དུས་དང་མཐུན་པ་ཡིན་མིན་ཞིབ་བཤེར་བྱ།:

  • myGov བརྒྱུད་ནས་ཁྱེད་ཀྱི་ Medicare online account ལྟ་སྤྱོད་བྱ།
  • Express Plus Medicare ཉེར་སྤྱོད་ ནང་
  • དེ་ཡང་། Services Australia ལ་ཁ་པར་གཏོང་བའི་སྒོ་ནས།

    ཁྱེད་ཀྱིས་དུས་ར་མ་བཟོས་གོང་འམ། གལ་ཏེ་ཁྱེད་ཀྱིས་མི་གཞན་ཞིག་ཆེད་སྔོན་འགོག་སྨན་ཁབ་རྒྱག་པའི་ཐག་གཅོད་བྱེད་ཀྱི་ཡོད་ན། ཁྱེད་ལ་བཀའ་འཁྲོལ་འགེང་ཤོག་ཞིག་འགེང་དགོས་རྒྱུ་བརྗོད་པ་ཡིན།

    བཀའ་འཁྲོལ་འགེང་ཤོག་ ཀློག

    བྱིས་པ་ལོ་གྲངས་ 5 ནས་ 11 ཆེད་ཆ་འཕྲིན་དང་བཀའ་འཁྲོལ་འགེང་ཤོག ཀློག

    ཁྱེད་ཀྱིས་ COVID-19 སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས།

    མི་འཕྲོད་པའི་ལྡོག་འཕྲོས་དཀོན་པོ་ནང་། ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས་ཉུང་མཐར་སྐར་མ་ 15 རིང་ལྟ་རྟོག་བྱེད་པ་ཡིན། ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་པའི་སྐྱེ་བོ་དེར། དེ་མ་ཐག་འཕྲལ་ལྡོག་འཕྲོས་དག་གི་སྟེང་ཡ་ལན་སྤྲོད་ཕྱོགས་ཐད་སྦྱོང་བརྡར་སྤྲོད་ཟིན་པ་ཞིག་ཡིན།

    རྒྱུན་ལྡན་ནས་ COVID-19 ཡི་སྔོན་འགོག་སྨན་ཁབ་དག་འཇམ་པོ་ཡིན་པ་དང་། དེ་ཉིན་གྲངས་ 1 ནས་ 2 ནང་འཚུད་ཡལ་བ་ཡིན། རྒྱུན་ལྡན་ཟུར་ཕོག་ནང་གཤམ་དག་འཚུད་པ་ཡིན།:

    • སྨན་ཁབ་རྒྱག་སའི་ལག་ངར་དུ་ན་ཟུག་གཏོང་བ།
    • ཐང་ཆད་པ།
    • མགོ་ན་བ།
    • ཤ་གནད་ན་བ།
    • ཚ་བ་འབར་བ་དང་གྲང་ཤུར་རྒྱག་པ།

    སྨན་འམ་སྔོན་འགོག་སྨན་ཁབ་གང་ཡང་ལྷན་བྱུང་བ་བཞིན། དེར་ཟུར་ཕོག་དཀོན་པོའམ་མི་ཤེས་པ་རིགས་ཡོད་སྲིད་པ་ཡིན། གལ་ཏེ་ཁྱེད་ཀྱི་བསམ་པར་སོ་སོར་ཟུར་ཕོག་ལྗིད་པོ་འདུག་བསམ་ན། ཁྱེད་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཆེད་ལས་འམ་ཏོག་དབྱིབས་གཉན་རིམས་རོགས་རམ་མཐུད་ཁ་ལ་འབྲེལ་གཏུག་བྱ།

    1800 020 080

    གལ་ཏེ་ཁྱེད་ལ་སྐད་སྒྱུར་བ་ཞིག་དགོས་ན། རྒྱལ་ནང་ཏོག་དབྱིབས་གཉན་རིམས་རོགས་རམ་མཐུད་ཁ་ལ་ཁ་པར་གཏོང་སྟེ་གདམ་ག་ 8 འདེམས།

    སྔོན་འགོག་སྨན་ཁབ་རྒྱག་པའི་དཔང་རྟགས།

    ཁྱེད་ཀྱིས་ Immunisation History Statement ལྟ་སྤྱོད་བྱེད་པའི་སྒོ་ནས། ཁྱེད་ལ་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་དཔང་རྟགས་རག་པ་ཡིན།

    ཁྱེད་ཀྱིས་གཤམ་དག་བརྒྱུད་ནས་སོ་སོའི་ Immunisation History Statement ལྟ་སྤྱོད་བྱེད་ཐུབ།:

    གལ་ཏེ་ཁྱེད་ལ་ Medicare བྱང་བུ་མེད་པའམ། myGov ཐོ་ཁོངས་སྟེང་ལྟ་སྤྱོད་མེད་ན། ཁྱེད་ཀྱིས་གཤམ་དག་བརྒྱུད་ནས་སོ་སོའི་ Immunisation History Statement ལྟ་སྤྱོད་བྱེད་ཐུབ།:

    • ཁྱེད་ཀྱིས་སོ་སོའི་སྔོན་འགོག་སྨན་ཁབ་རྒྱག་མཁན་ལ་དེའི་འདྲ་བཤུས་ཤིག་པར་སྐྲུན་བྱེད་དེ་སྤྲོད་པའི་རེ་སྐུལ་ཞུ། ཡང་ན།
    • Australian Immunisation Register འདྲི་ཞིབ་འབྲེལ་མཐུད་ལ་ 1800 653 809 ཐོག་ (གཟའ་ཟླ་བ་ནས་པ་སངས་ཀྱི་སྔ་དྲོ་ཚོུད་ 8 ནས་ཕྱི་དྲོ་ཚོུད་ 5 དབར་) ཁ་པར་གཏོང་སྟེ་ཁོང་ཚོ་ལ་ཁྱེད་ཀྱི་བསྒྲགས་གཏམ་དེ་སྦྲག་འཕྲིན་གཏོང་བའི་རེ་སྐུལ་ཞུ། དེ་སྦྲག་ཡིག་ནང་འབྱོར་བར་ཉིན་གྲངས་ ༡༤ བར་དུ་འགོར་བ་ཡིན།

    ཁྱེད་ཀྱིས་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་ཟིན་པའི་དཔང་རྟགས་བླངས་ཚུལ་སྐོར་གྱི་ཞིབ་ཕྲའི་ཆ་འཕྲིན་ཆེད། Services Australia website སྟེང་བསྐྱོད།

    གནས་ཚུལ་ཁུངས་ལྡན་ཆེད་གང་དུ་བསྐྱོད་དགོས་སམ།

    ཡིད་བརྟན་འཕེར་བ་དང་གཞུང་འབྲེལ་འབྱུང་ཁུངས་དག་བརྒྱུད་ནས་ COVID-19 དང་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་ལས་རིམ་སྐོར་གོ་རྟོགས་ཡོད་པ་གནས་རྒྱུ་གལ་ཆེན་པོ་ཡིན།

    COVID-19 ཡི་སྔོན་འགོག་སྨན་ཁབ་དག་གི་རྒྱུན་ལྡན་དྲི་བ་སྟེང་གི་ལན་འདེབས་རྣམས་སྐད་ཡིག་ 63 ནང་ཐོབ་རུང་ཡོད།

    ཁྱེད་ཀྱི་སྐད་ཡིག་ཐོག་ COVID-19 སྐོར་གྱི་ཆ་འཕྲིན་དག་ཀློག

    རྒྱུ་ཆ།

Language: 
Tibetan - བོད་སྐད།
Last updated: 
13 May 2022