སྔོན་འགོག་སྨན་ཁབ་རྒྱག
COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱིས་ཁྱེད་ལ་ COVID-19 ནས་ནད་གཞི་ཚབས་ཆེ་མི་ན་བའི་སྲུང་སྐྱོབ་སྤེལ་བའི་རོགས་པ་བྱེད་པ་ཡིན། ང་ཚོས་ཨོ་སི་ཊོ་ལི་ཡའི་ཆེད་ལས་སློབ་སྟོན་རུ་ཁག་ (ATAGI) གི་ལམ་སྟོན་དག་བརྩི་སྲུང་ཞུ་ཡི་ཡོད། ཁོང་ཚོས་སྐྱེ་བོ་སུ་ཞིག་གི་སྔོན་འགོག་སྨན་ཁབ་རྒྱག་དགོས་སྐོར་འོས་སྦྱོར་ཞུ་ཡི་ཡོད།
ཁྱེད་ཉིད་སོ་སོའི་སྔོན་འགོག་སྨན་ཁབ་དག་གི་སྐོར་དུས་དང་མཐུན་པ་གནས་པ་ཡིས་ཁྱེད་ལ་སྲུང་སྐྱོབ་ལེགས་ཤོས་མཁོ་སྤྲོད་བྱེད་པ་ཡིན།
སྔོན་འགོག་སྨན་ཁབ་ཀྱི་དུས་ར་ཞིག་སྔོན་མངགས་བྱ།
ཁ་རས་གྱོན་དགོས་སར་ཁ་རས་གྱོན།
ཁ་རས་གྱོན་པ་ཡིས་ཁྱེད་ཉིད་སོ་སོ་དང་ཁྱེད་ཉིད་ཉེ་འཁོར་གྱི་སྐྱེ་བོ་རྣམས་སྲུང་སྐྱོབ་བྱེད་པའི་རོགས་པ་བྱེད་ཐུབ།
ཁ་རས་ཀྱིས་གཉན་སྲིན་དག་མཁའ་རླུང་བརྒྱུད་ནས་ཁྱབ་གདལ་གཏོང་རྒྱུ་མཚམས་འཇོག་བྱེད་པ་ཡིན། འདིའི་དོན་ནི། ཁྱེད་ལ་གཉན་སྲིན་ཕོག་རྒྱུ་འམ། ཁྱེད་ཀྱིས་གཉན་སྲིན་ཁྱབ་གདལ་གཏོང་རྒྱུ་ཉུང་དུ་གཏོང་ཐུབ།
ཁྱེད་ཉིད་ཁ་རས་ག་དུས་གྱོན་དགོས་སྐོར་ཐད་མངའ་སྡེ་དང་ས་ཁུལ་སོ་སོར་སྒྲིག་འཛུགས་མི་འདྲ་ཡོད། ལམ་སྟོན་གསར་ཤོས་ཆེད་སོ་སོའི་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱི་དྲྭ་ཚིགས་སྟེང་གཟིགས།
གཤམ་འཁོད་དག་ཏུ་ཁ་རས་གྱོན་རྒྱུ་ནི་གལ་ཆེན་པོ་ཡིན།:
- མི་མང་འགྲུལ་འཁོར་དང་སྨན་དཔྱད་ཁང་། སྨན་ཁང་སོགས་འཚུད་པའི་ཁང་ཁྱིམ་ནང་གི་མང་ཚོགས་ས་ཁུལ་ཁག
- ཁྱེད་ཉིད་གཞན་སར་ནས་ལུས་པོའི་རྒྱང་ཐག་འཇོག་མི་ཐུབ་སར།
- ཁྱེད་ཀྱིས་བརྟག་དཔྱད་མཇུག་འབྲས་པོ་སི་ཊིཝ་ཐོན་པའམ། ཁྱེད་ལ་ COVID-19 ཕོག་ཡོད་བསམ་པ་དང་། ཉེ་འཁོར་དུ་མི་གཞན་ཡོད་སར།
ཁ་རས་ཞིག་བེད་སྤྱོད་ཚུལ་མཐུན་བྱེད་པར། ཁྱེད་ཀྱིས་གཤམ་དག་བརྩི་སྲུང་ཞུ་དགོས།:
- ཁ་རས་ཤིག་ཡར་གྱོན་པའམ་མར་མ་སྤུད་གོང་། ཁྱེད་ཀྱི་ལག་པ་འཁྲུད་པའམ་དུག་སེལ་བྱ།
- ཁ་རས་དེ་ཡིས་ཁྱེད་ཀྱི་སྣ་དང་ཁ་རྣམས་ཁེབས་པ་དང་། དེ་ཁྱེད་ཀྱི་མས་ལེ་འོག་རན་མཚམས་ངང་ཁེབས་པའི་ངེས་བརྟན་བྱ།
- ཁ་རས་གྱོན་སྐབས་དང་སྤུད་སྐབས་ཁ་རས་དཀྱིལ་དུ་རེག་རྒྱུ་འཛེམ།
- ཁ་རས་དེ་སྣ་དང་ཁའི་སྟེང་ཁེབས་པ་ལས་དེ་ཁྱེད་ཀྱི་མཇིང་པ་སྟེང་དཔྱང་པའམ་སྣའི་འོག་ཏུ་མ་འཇོག
- ཐེངས་རེ་རེར་ལ་ཁ་རས་གསར་པ་རེ་བེད་སྤྱོད་བྱ།
- ཡང་བསྐྱར་བེད་སྤྱོད་བྱེད་རྒྱུ་ཡོད་པའི་ཁ་རས་རྣམས་བེད་སྤྱོད་བྱས་རྗེས་སུ་འཁྲུད་དེ་སྐམ་པ་དང་། ས་ཁུལ་གཙང་མ་དང་སྐམ་པོ་ཞིག་ཏུ་ཉར་གསོག་བྱ།