བརྟག་དཔྱད་ག་དུས་བྱེད་དགོས་སམ།
གལ་ཏེ་ཁྱེད་ལ་ COVID-19 ཡི་ནད་རྟགས་གང་ཡང་ཡོད་ན། ཁྱེད་ཀྱིས་བརྟག་དཔྱད་བྱེད་དགོས།
COVID-19 ཡི་བརྟག་དཔྱད་རིགས།
ཁྱེད་ལ་ COVID-19 ཡི་གཉན་སྲིན་ཕོག་ཡོད་མེད་རྩད་གཅོད་བྱེད་ཚུལ་བརྟག་དཔྱད་རིགས་ 2 ཡོད།:
- rapid antigen རང་འགུལ་བརྟག་དཔྱད། (RATs)
- polymerase chain reaction (PCR ཡང་ན། RT-PCR)
འདིར་ COVID-19 ཡི་བརྟག་དཔྱད་དེ་ལས་ཀ་ཇི་ལྟར་བྱེད་ཚུལ་སྐོར་མང་བ་སྦྱོང་།
བརྟག་དཔྱད་དེ་གང་དུ་བྱེད་དགོས་སམ།
ཁྱེད་ཀྱིས་ཁྱིམ་དུ་ RAT བརྟག་དཔྱད་བྱེད་ཆོག རིམ་འདས་ཁྲོམ་ར་དང་རྡོ་སྣུམ་ས་ཚིགས་ཆེ་ཁག་དག་འཚུད་པའི་སྨན་རིགས་ཚོང་ཁང་ངམ་སིལ་ཚོང་རྒྱག་མཁན་རྣམས་ཀྱིས་བརྟག་དཔྱད་ཡོ་ཆས་འདི་དག་འཚོང་གི་ཡོད།
གཤམ་འཁོད་ཀྱི་ལམ་སྟོན་དག་ཀློག:
PCR བརྟག་དཔྱད་ཞིག་བྱེད་པར། ཁྱེད་ཀྱིས་སོ་སོའི་སྨན་པ་ལ་འབྲེལ་སྦྱོར་ཞིག་གི་ཆེད་འབྲེལ་གཏུག་ཞུ་དགོས། ཡང་ན། གལ་ཏེ་དེ་དག་ཁྱེད་ཀྱི་མངའ་སྡེ་འམ་ས་ཁུལ་ནང་ཐོབ་རུང་ཡོད་ན། COVID-19 ཡི་བརྟག་དཔྱད་བྱ་ཡུལ་གྱི་སྨན་དཔྱད་ཁང་ཞིག་ཏུ་བསྐྱོད།
ཁྱེད་ཀྱི་ཉེ་འཁྲིས་སུ་ཡོད་པའི་བརྟག་དཔྱད་བྱེད་སའི་སྨན་དཔྱད་ཁང་ཞིག་འཚོལ་བར། སོ་སོའི་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་དུ་བསྐྱོད།