COVID ནད་ཡུན་རིང་པོ།

COVID-19 ཕོག་པའི་སྐྱེ་བོ་མང་ཆེ་དེ་དག་གི་ནད་རྟགས་དང་པོ་ཐོན་པའི་བདུན་ཕྲག་འགའ་ཤས་ནང་འཚུད་མཐིལ་ཕྱིན་ངང་དྲག་བསྐྱེད་འགྲོ་ཡི་ཡོད། གང་ལྟར་ཡང་། སྐྱེ་བོ་འགའ་ཤས་ལ་དེ་དག་ལ་ནད་གཞི་ནས་ནད་ཡུན་རིང་པོ་མནར་གྱི་ཡོད། འདིར་ COVID ནད་ཡུན་རིང་པོ་དང་། ཁྱེད་ཀྱི་ད་ལྟའི་ནད་རྟགས་དག་གི་ཆེད་རོགས་རམ་གང་ནས་བླངས་ཐུབ་ཚུལ་སྐོར་སྦྱོང་

COVID ནད་ཡུན་རིང་པོ་སྐོར།

‘COVID ནད་ཡུན་རིང་པོ་’ ཞེས་པའི་ཐ་སྙད་འདི་ཡིས་སྤྱིར་བཏང་ནས་གཤམ་གྱི་གནད་དོན་གཉིས་པོ་འགྲེལ་བརྗོད་བྱེད་ཀྱི་ཡོད།:

  • ད་ལྟ་ཡོད་བཞིན་པའི་ནད་རྟགས་ལྡན་པའི་ COVID-19 - COVID-19 ཡི་ནད་རྟགས་དག་བདུན་ཕྲག་ 4 ལས་མང་བ་ལྷག་པ།
  • COVID-19 ཕོག་པའི་རྗེས་ཀྱི་གནས་སྟངས་སམ་མཉམ་འདུས་ནད་རྟགས། - བདུན་ཕྲག་ 12 ཕྱིན་པའི་རྗེས་ COVID-19 ཡི་ནད་རྟགས་གནས་པ་དེར་ནད་ངོ་བརྟག་དཔྱད་གཞན་ནས་འགྲེལ་བརྗོད་མེད་པ།

COVID ནད་ཡུན་རིང་པོ་དེ་སྐྱེ་བོ་འདྲ་མིན་ནང་ནད་རྟགས་འདྲ་མིན་བྱུང་བ་དང་། དེའི་ཚད་གཞི་འཇམ་པོ་ནས་ཚབས་ཆེ་བར་དུ་ཡོད།

COVID ནད་ཡུན་རིང་པོའི་ནད་རྟགས།

COVID ནད་ཡུན་རིང་པོའི་ཆེས་རྒྱུན་ལྡན་ནད་རྟགས་ནང་གཤམ་དག་འཚུད་པ་ཡིན།:

  • ངལ་དུབ་བྱུང་བ། (ཐང་ཆད་པ།)
  • དབུགས་མི་འདང་བ།
  • ཁྱེད་ཀྱི་དྲན་ཤེས་དང་དོ་སྣང་ལྷན་དཀའ་ངལ་ལྡན་པ། (གསལ་དྲན་མེད་པར་ཀླད་པ་རབ་རིབ་འགྱུར་བ།)

ནད་རྟགས་གཞན་ནང་གཤམ་དག་འཚུད་པ་ཡིན།:

  • སྙིང་གཡུག་པ། བྲང་ཁོག་ན་ཟུག་གཏོང་བའམ་དམ་པོ་ཆགས་པ།
  • གློ་རྒྱག་པ།
  • བྲོ་བ་དང་དྲི་མའི་སྟེང་འགྱུར་བ་ཕྱིན་པ།
  • རུས་ཚིགས་དང་ཤ་སྒྲིམ་ན་ཟུག་གཏོང་བ།
  • ཁབ་གཟེར་དང་ཁབ་འཛུགས་པའི་ཚོར་བ།
  • གཉིད་མི་ཁུག་པའི་དཀའ་ངལ། (གཉིད་ཡེར།)
  • སེམས་ཁམས་འགྱུར་བ། (སེམས་ཁྲལ་དང་ཞེད་སྣང་ངམ་ཡིད་མུག་འཕེལ་བ།)
  • མགོ་ཡོམ་ཡོམ་བྱེད་པ།
  • མགོ་ན་བ།
  • ཚ་བ་ཤུགས་ཆུང་འབར་བ།
  • ཟ་འཕྲུག་ལངས་པ། སྐྲ་བུད་པ།
  • ཞེ་མེེར་ལངས་པ། གྲོད་ཁོག་བཤལ་བ། གྲོད་ཁོག་ན་ཟུག་གཏོང་བ། དང་ག་བརླག་པ།

བྱིས་པའི་ནང་། གཤམ་གྱི་ནད་རྟགས་དག་འཚུད་པ་ཡིན།:

  • སེམས་ཁམས་འགྱུར་བ་ཕྱིན་པའི་ནད་རྟགས།
  • ངལ་དུབ་བྱུང་བ།
  • གཉིད་ཁུག་རྒྱུ་དཀའ་ལས་ཡོད་པ།

COVID ནད་ཡུན་རིང་པོའི་ཆེད་ཉེན་ཚབས་ཆ་རྐྱེན།

COVID ནད་ཡུན་རིང་པོ་ནི་གཤམ་དག་ལྡན་པའི་སྐྱེ་བོ་ཚོའི་ནང་བྱུང་ཤས་ཆེ་བ་ཡོད།:

  • སྔོན་འགོག་སྨན་ཁབ་མི་རྒྱག་པ།
  • COVID-19 ཡི་ནད་གཞི་ཚབས་ཆེ་ཕོག་མྱོང་བ། འདིའི་ནང་། སྨན་ཁང་དུ་སྙལ་བའམ་གཟབ་བཅོས་ལྡན་པའི་སྐྱེ་བོ་དག་འཚུད་པ་ཡིན།
  • COVID-19 མ་བྱུང་གོང་ནས་སྔོན་འཚུད་ནས་འཕྲོད་བསྟེན་དཀའ་ངལ་ལམ་ནད་གཞི་ལྡན་པ། དཔེར་ན། ཁྲག་ཤེད་མཐོ་པོ་དང་གློ་བའི་གཅོང་ནད། གཅིན་སྙི་ཟ་ཁུའི་ནད་དང་ཚོ་ཆེས་ལྡན་པ་ལྟ་བུ།

COVID ནད་ཡུན་རིང་པོའི་ཆེད་སྨན་བཅོས་བྱ་ཚུལ།

ཁྱེད་ལ་ COVID-19 ཕོག་པའི་རྗེས། ད་ལྟ་ཡོད་བཞིན་པའི་ནད་རྟགས་དག་གི་ཐད་སེམས་ཁྲལ་ཡོད་ན། ཁྱེད་ཀྱིས་འཕྲོད་བསྟེན་བསྐྱར་ཞིབ་ཞིག་གི་ཆེད་སོ་སོའི་སྨན་པའི་ལྷན་འབྲེལ་གཏུག་ཞུ།

COVID ནད་ཡུན་རིང་པོའི་ཆེད་བརྟག་དཔྱད་མེད། ཁྱེད་ཀྱི་སྨན་པ་ཡིས་ནད་རྟགས་དང་དེ་དག་གི་རྐྱེན་པས་ཁྱེད་ཀྱི་མི་ཚེ་ཐོག་གི་ཤུགས་རྐྱེན་སྐོར་སྐད་ཆ་འདྲི་བ་ཡིན། ཁྱེད་ཀྱི་ནད་རྟགས་དག་གི་རྒྱུ་རྐྱེན་ངོས་འཛིན་ཐུབ་པ་དང་གནས་སྟངས་གཞན་དག་རྟོགས་པར། ཁོང་ཚོས་བརྟག་དཔྱད་འགའ་བྱེད་པའི་བསམ་འཆར་འདོན་སྲིད་པ་ཡིན།

COVID ནད་ཡུན་རིང་པོ་བཅོས་ཐབས་བྱེད་པར། སྨན་བཅོས་སམ་སྨན་སྦྱོར་རྐྱང་པ་གཅིག་མེད། ཁྱེད་ལ་ལྡན་དགོས་པའི་གཅེས་སྐྱོང་དང་རམ་འདེགས་དག་གི་སྐོར་ཁྱེད་ཀྱི་སྨན་པས་ཁྱེད་ལྷན་སྐད་ཆ་བཤད་པ་ཡིན། ཁོང་ཚོས་ཁྱེད་ལ་གཤམ་དག་སྐོར་གྱི་ལམ་སྟོན་མཁོ་སྤྲོད་བྱེད་སྲིད་པ་ཡིན།:

  • ཁྱིམ་དུ་སོ་སོའི་ནད་རྟགས་ལྟ་རྟོག་དང་སྟངས་འཛིན་བྱ་ཚུལ། དཔེར་ན། ནད་རྟགས་ཉིན་དེབ་ཞིག་བེད་སྤྱོད་བྱེད་པའི་བརྒྱུད་ནས་ལྟ་བུ།
  • སྨན་བཅོས་ལྟ་སྐྱོང་ལྡན་དགོས་སྲིད་པའི་ནད་རྟགས་དང་། (དཔེར་ན། ནད་རྟགས་གསར་པའམ་ཞན་དུ་འགྲོ་བ་ལྟ་བུ།) གལ་ཏེ་ཁྱེད་ལ་ནད་རྟགས་འདི་དག་བྱུང་བ་ཡིན་ན། ལྟ་སྐྱོང་གང་དུ་འཚོལ་དགོས་པ་ལྟ་བུ།
  • COVID-19 ཕོག་པའི་རྗེས་ཀྱི་བདུན་ཕྲག་དང་ཟླ་བ་དག་གི་ནང་ཁྱེད་ཀྱིས་གང་ཚོད་དཔག་བྱེད་ཆོག་པ།
  • མི་ཚེ་སྐྱེལ་སྟངས་ཀྱི་བར་ཆད་ཆེད་རམ་འདེགས་བྱེད་པ། དཔེར་ན། ཟས་བཅུད་དང་ལུས་པོ་སྦྱོང་བརྡར། དེ་བཞིན་སློབ་སྟོན་སོགས་ལྡན་དགོས་པ།

གལ་ཏེ་ནད་རྟགས་དག་གི་རྐྱེན་པས་ཁྱེད་ཀྱི་མི་ཚེ་ནང་ཤུགས་རྐྱེན་ཆེན་པོ་འཇོག་གི་ཡོད་ན། ཁྱེད་ཉིད་ཆེད་ལས་པའམ་བསྐྱར་གསོ་ཞབས་ཞུ་ཞིག་ཏུ་འབྲེལ་སྦྱོར་བྱེད་སྲིད་པ་ཡིན། དེར་ཁྱེད་ཀྱི་ནད་རྟགས་དག་སྟངས་འཛིན་དང་ཁྱེད་ཉིད་དྲག་སྐྱེད་ཐུབ་པའི་རོགས་པ་བྱེད་པ་ཡིན།

COVID ནད་ཡུན་རིང་པོ་ནས་དྲག་བསྐྱེད་བྱ་ཚུལ།

མི་རེ་རེ་དབར་དྲག་བསྐྱེད་ཀྱི་དུས་ཚོད་དེ་ཁྱད་པར་འགྲོ་བ་དང་། དེ་བཞིན་ཁྱེད་ཀྱི་ནད་རྟགས་དག་ཀྱང་དུས་ཚོད་རིམ་སོང་རྗེས་ཁྱད་པར་འགྲོ་སྲིད་པ་ཡིན། སྐྱེ་བོ་མང་ཆེ་བ་ཟླ་བ་ 3 ནས་ 4 ནང་འཚུད་དྲག་བསྐྱེད་འགྲོ་ཡི་ཡོད། གང་ལྟར་ཡང་། སྐྱེ་བོ་འགའ་ཤས་ཆེད་ནད་རྟགས་ཡུན་རིང་པོ་གནས་ཀྱི་ཡོད།

རང་ཉིད་སོ་སོ་ COVID ནད་ཡུན་རིང་པོ་ནས་སྲུང་སྐྱོབ་བྱ་ཚུལ།

COVID ནད་ཡུན་རིང་པོ་སྔོན་འགོག་བྱེད་པའི་ཐབས་ལམ་ལེགས་ཤོས་ནི་ཁྱེད་ཉིད་སོ་སོ་ལ་ནད་གཞི་མི་ཕོག་པའི་ཐོག་ནས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།

ཁྱེད་ཉིད་སོ་སོ་ COVID-19 ཡི་སྔོན་འགོག་སྨན་ཁབ་དག་ གི་གོ་རྟོགས་ལྷན་དུས་དང་མཐུན་པ་གནས་པ་ཡིས་ COVID-19 ནད་གཞི་སྔོན་འགོག་བྱེད་པ་དང་། ནད་གཞི་ཚབས་ཆེ་ནས་སྲུང་སྐྱོབ་བྱེད་པའི་རོགས་པ་བྱེད་ཐུབ། སྔོན་འགོག་སྨན་ཁབ་རྒྱག་པའི་སྐྱེ་བོ་རྣམས་ནི་སྔོན་འགོག་སྨན་ཁབ་མི་རྒྱག་པའི་སྐྱེ་བོ་རྣམས་ལས་ COVID ནད་ཡུན་རིང་པོ་ཕོག་རྒྱུ་ཆེས་ཉུང་བ་ཡོད་པའི་སྙན་ཐོ་འགོད་ཡོད།

གཞུང་གི་ཡ་ལན།

2022 ཕྱི་ཟླ་དགུ་པའི་ཚེས་ 1 ཉིན་གྱི་འབྲེལ་སྦྱོར་ལྟར་གཞིགས་ན། འཕྲོད་བསྟེན་དང་རྒན་གསོ་ལྟ་སྐྱོང་གི་བློན་ཆེན་སྐུ་ཞབས་མརྐ་བཊ་ལར་ཨེམ་པི། འཕྲོད་བསྟེན་དང་རྒན་གསོ་ལྟ་སྐྱོང་། དེ་བཞིན་རྩེད་མོ་ཐོག་གི་རྒྱུན་ལས་ཚོགས་མི་ཁོང་གིས་ COVID ནད་ཡུན་རིང་པོ་དང་ COVID-19 ཡི་ནད་གཞི་བསྐྱར་ཟློས་བྱུང་བཞིན་པའི་ཐད་དྲི་ཞིབ་བྱས་ཡོད་པ་དང་དེའི་སྐོར་གྱི་སྙན་ཐོ་ཞིག་འགོད་རྒྱུ་ཡིན་འདུག

འདིར་བར་བརྒལ་སྙན་ཐོ་ཀློག

ཞིབ་ཕྲའི་ཆ་འཕྲིན།

Date last updated:

Help us improve health.gov.au

If you would like a response please use the enquiries form instead.