ལུས་ཟུངས་ནུས་པ་གོང་འཕེལ་གཏོང་བར་དུས་ཚོད་འགོར་བ་ཡིན།
ཁྱེད་ཀྱིས་སོ་སོའི་སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས། ཁྱེད་ཀྱི་ལུས་པོ་ཡིས་ལུས་ཟུངས་ཡ་ལན་གོང་འཕེལ་གཏོང་བར་དུས་ཚོད་འགོར་བ་ཡིན།
ཆ་འཕྲིན་དཔེ་རིས་འདི་ཡིས་ཁྱེད་ཀྱི་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་ག་དུས་དང་། སྔོན་འགོག་སྨན་ཁབ་ཀྱི་ཚོང་རྟགས་དང་སྨན་ཐུན་ཇི་ཙམ་རྒྱག་དགོས་སྐོར་ཐད་འཆར་འགོད་བྱེད་པ་ཡིན།
ཁྱེད་ཀྱིས་སོ་སོའི་ཐོག་མའི་སྨན་ཐུན་གྱི་སྨན་ཁབ་དང་པོ་དེ་རྒྱག་པའི་ཉིན་གྲངས་ 12 ཙམ་གྱི་རྗེས། ཁྱེད་ལ་སྲུང་སྐྱོབ་ཆ་ཙམ་ཞིག་ཐོབ་པ་ཡིན། ཁྱེད་ཀྱི་ཐོག་མའི་སྨན་ཐུན་གྱི་སྨན་ཁབ་གཉིས་པ་ཡིས་ཁྱེད་ཀྱི་ལུས་པོ་ལ་སྲུང་སྐྱོབ་ (ལུས་ཟུངས།) བཟོ་བསྐྲུན་ཤུགས་ཆེ་སྤེལ་ཐབས་བྱེད་པ་ཡིན། ལུས་ཟུངས་ནུས་པ་ཧ་ཅང་ཞན་པོ་ཡོད་པའི་སྐྱེ་བོ་ཚོའི་ཆེད་ཐོག་མའི་སྨན་ཐུན་གྱི་སྨན་ཁབ་གསུམ་པ་ལྡན་དགོས།
ཁྱེད་ལ་སྲུང་སྐྱོབ་ཤུགས་ཆེ་ཐོབ་པར། ཁྱེད་ཀྱིས་ནུས་ཤུགས་སྤོར་བྱེད་སྨན་ཐུན་རྒྱག་པའི་རྗེས་ཉིན་གྲངས་ 7 ནས་ 14 བར་འགོར་བ་ཡིན།
འདིར་ནུས་ཤུགས་སྤོར་བྱེད་སྨན་ཐུན་དག་གི་སྐོར་མང་བ་འཚོལ།
སྲུང་སྐྱོབ་དེ་ཡུན་རིང་ཐུང་ཇི་ཙམ་གནས་སམ།
COVID-19 ཡི་སྔོན་འགོག་སྨན་ཁབ་དག་གིས་ནད་གཞི་ཚབས་ཆེ་དང་སྨན་ཁང་དུ་སྙལ་བ། དེ་བཞིན་འཆི་སྐྱོན་དག་ནས་སྲུང་སྐྱོབ་བྱེད་པའི་ལས་དོན་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད། གང་ལྟར་ཡང་། ནད་གཞི་ཁ་གཏད་དུ་དེ་དག་གི་ཕན་ནུས་དེ་དུས་ཚོད་རིམ་སོང་རྗེས་ཞན་དུ་འགྲོ་ཡི་ཡོད། འཛམ་གླིང་ཁྲོད་ཀྱི་ཉམས་ཞིབ་པ་རྣམས་ཀྱིས་གཤམ་དག་གི་སྐོར་འཚོལ་བཞིན་ཡོད།:
- སྲུང་སྐྱོབ་དེ་ཡུན་རིང་ཐུང་ཇི་ཙམ་གནས་སམ།
- གལ་ཏེ་ཁྱེད་ལ་ནུས་ཤུགས་སྤོར་བྱེད་སྨན་ཐུན་ལྡན་དགོས་པ། དཔེར་ན། ལོ་འཁོར་ནུས་ཤུགས་སྤོར་བྱེད་སྨན་ཐུན་ལྟ་བུ།
གལ་ཏེ་ཁྱེད་ཀྱིས་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་སྨན་ཐུན་མཐའ་མ་དེ་རྒྱག་སྟེ་ཟླ་བ་ 6 འམ་དེ་ལས་མང་བ་ཕྱིན་ཡོད་ན། ཁྱེད་ཀྱིས་ད་ལྟ་སོ་སོའི་རིན་མེད་ནུས་ཤུགས་སྤོར་བྱེད་ཀྱི་སྨན་ཐུན་ཞིག་སྔོན་མངགས་བྱེད་ཆོག
འདིར་ནུས་ཤུགས་སྤོར་བྱེད་སྨན་ཐུན་དག་གི་སྐོར་མང་བ་སྦྱོང་།
COVID-19 ཡི་ཌི་ཇི་ཊལ་ལག་འཁྱེར་ཞིག་བླངས།
ཁྱེད་ཀྱིས་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་ཐོག་མའི་སྨན་ཐུན་དེ་མཇུག་སྐྱེལ་ཟིན་པའི་རྗེས། ཁྱེད་ལ་སྔོན་འགོག་སྨན་ཁབ་ཀྱི་ལག་འཁྱེར་རག་པ་ཡིན། ཁྱེད་ཀྱིས་སོ་སོའི་སྨན་ཐུན་གཉིས་པ་དེ་རྒྱག་པའི་བདུན་ཕྲག་ 2 ཙམ་རྗེས་ལག་འཁྱེར་ཐོབ་པ་ཡིན།
ཁྱེད་ཀྱིས་སོ་སོའི་ནད་སྲུང་ལོ་རྒྱུས་བསྒྲགས་གཏམ་ལྟ་སྤྱོད་བྱེད་པའི་སྒོ་ནས། ཁྱེད་ཀྱི་ COVID-19 ཡི་སྔོན་འགོག་སྨན་ཁབ་དཔང་རྟགས་བླངས་ཐུབ།
ཁྱེད་ཀྱིས་གཤམ་འཁོད་དག་བརྒྱུད་ནས་སོ་སོའི་ནད་སྲུང་ལོ་རྒྱུས་བསྒྲགས་གཏམ་ལྟ་སྤྱོད་བྱེད་ཐུབ།:
- དྲ་ཐོག་སྟེང་སོ་སོའི་ myGov ཐོ་ཁོངས་བཟོས་ཏེ་དེ་ནས་སོ་སོའི་ Medicare དྲ་ཐོག་ཐོ་ཁོངས་ལྟ་སྤྱོད་བྱ།
- དེ་ཡང་། Express Plus Medicare ཁ་པར་ཉེར་སྤྱོད་བརྒྱུད་ནས་ལྟ་སྤྱོད་བྱ།
གལ་ཏེ་ཁྱེད་ལ་ Medicare བྱང་བུ་མེད་པའམ། myGov ཐོ་ཁོངས་སྟེང་ལྟ་སྤྱོད་མེད་ན། ཁྱེད་ཀྱིས་གཤམ་དག་བརྒྱུད་ནས་སོ་སོའི་ནད་སྲུང་ལོ་རྒྱུས་བསྒྲགས་གཏམ་བྱེད་ལྟ་སྤྱོད་བྱེད་ཆོག:
- ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་མཁན་དེར་ཁྱེད་ཆེད་འདྲ་བཤུས་ཤིག་པར་བསྐྲུན་བྱེད་པའི་རེ་སྐུལ་ཞུ། ཡང་ན།
- ཨོ་སི་ཊོ་ལི་ཡའི་ནད་སྲུང་དེབ་སྐྱེལ་འདྲི་ཞིབ་མཐུད་ཁ་ཨང་གྲངས་ 1800 653 809 ཐོག་ (AEST རེས་གཟའ་ཟླ་བ་ནས་པ་སངས་བར་གྱི་སྔ་དྲོ་ཚོུད་ 8 ནས་ཕྱི་དྲོ་ཚོུད་ 5 ནང་།) ཁ་པར་གཏོང་སྟེ་ཁོང་ཚོ་ལ་ཁྱེད་ཀྱི་བསྒྲགས་གཏམ་དེ་སོ་སོའི་སྦྲག་འཕྲིན་ཐོག་གཏོང་བའི་རེ་སྐུལ་ཞུ། སྦྲག་འཕྲིན་དེ་སྦྲག་སྒམ་ནང་འབྱོར་བར་ཉིན་གྲངས་ ༡༤ བར་དུ་འགོར་བ་ཡིན།
ཁྱེད་ཀྱིས་སོ་སོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་རྒྱག་ཟིན་པའི་དཔང་རྟགས་བླངས་ཚུལ་སྐོར་གྱི་ཞིབ་ཕྲའི་ཆ་འཕྲིན་ཆེད། Services Australia དྲྭ་ཚིགས་སྟེང་བསྐྱོད།
ཟུར་ཕོག
སྔོན་འགོག་སྨན་ཁབ་སྟེང་ནས་ལྡོག་འཕྲོས་ཚབས་ཆེ་འམ་མི་འཕྲོད་པ་བྱུང་རྒྱུ་ཧ་ཅང་དཀོན་པོ་ཡིན། དེ་དག་ནི་རྒྱུན་ལྡན་དུ་སྔོན་འགོག་སྨན་ཁབ་རྒྱག་པའི་སྐར་མ་ 15 ནང་འཚུད་བྱུང་གི་ཡོད།
ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་པའི་རྗེས། ཁྱེད་ཉིད་ཉུང་མཐར་སྐར་མ་ 15 རིང་ལྟ་རྟོག་འོག་བཞག་པ་ཡིན། ཁྱེད་ལ་སྔོན་འགོག་སྨན་ཁབ་རྒྱག་པའི་སྐྱེ་བོ་དེར། དེ་མ་ཐག་འཕྲལ་གྱི་ལྡོག་འཕྲོས་དག་གི་སྟེང་ཡ་ལན་སྤྲོད་ཕྱོགས་ཐད་སྦྱོང་བརྡར་སྤྲོད་ཟིན་པ་ཞིག་ཡིན།
གལ་ཏེ་སྔོན་འགོག་སྨན་ཁབ་ཀྱི་ཟུར་ཕོག་ཡོད་ན།
ཟུར་ཕོག་མང་ཆེ་བ་འཇམ་པོ་དང་དེ་དག་ཉིན་གྲངས་འགའ་ཤས་ནང་དྲག་བསྐྱེད་འགྲོ་བ་ཡིན། ཟུར་ཕོག་ཚབས་ཆེ་བྱུང་རྒྱུ་དེ་ཧ་ཅང་དཀོན་པོ་ཡིན།
འདིར་ཁྱེད་ཀྱིས་ཟུར་ཕོག་ཆེད་རོགས་པ་ག་དུས་བླངས་དགོས་སྐོར་ཐད་སྦྱོང་།
ཁྱེད་ཀྱིས་ཐད་ཀར་འཕྲོད་བསྟེན་ནད་རྟགས་ཞིབ་བཤེར་བརྒྱུད་ནས་ཁྱེད་ཀྱིས་མྱོང་བཞིན་པའི་ནད་རྟགས་གང་ཡང་ཞིབ་བཤེར་བྱེད་ཐུབ།
ཟུར་ཕོག་ནད་རྟགས་དག་ཞིབ་བཤེར་བྱ།
ཁྱེད་ཀྱིས་དུས་ནམ་ཡིན་ལ་རྒྱལ་ནང་ཏོག་དབྱིབས་གཉན་རིམས་དང་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་རོགས་རམ་ཨང་གྲངས་ 1800 020 080 ཐོག་འང་ཁ་པར་གཏོང་ཆོག
འདིར་སྤྱིར་བཏང་སྔོན་འགོག་སྨན་ཁབ་ཀྱི་བདེ་འཇགས་དང་ཟུར་ཕོགདག་གི་སྐོར་འཚོལ། ཡང་ན། གཤམ་དག་གི་ལྷན་འབྲེལ་གཏོགས་ཟིན་པའི་དམིགས་བཀར་ཟུར་ཕོག་དག་གི་སྐོར་གཟིགས།:
དོགས་གཞི་ཅན་གྱི་ལྡོག་འཕྲོས་སམ་ཟུར་ཕོག་ཞིག་སྙན་སེང་ཞུ།
དོགས་གཞི་ཅན་གྱི་ལྡོག་འཕྲོས་སམ་ཟུར་ཕོག་ཞིག་སྙན་སེང་ཞུ་བ་ཡིས། ང་ཚོར་སྔོན་འགོག་སྨན་ཁབ་ཀྱི་བདེ་འཇགས་ལྟ་རྟོག་བྱེད་པར་རོགས་པ་བྱེད་པ་ཡིན། སྙན་ཐོ་ཆ་ཚང་གལ་ཆེན་པོ་ཡིན་པ་དང་། དེས་སྔོན་འགོག་སྨན་ཁབ་དེ་བདེ་འཇགས་ཡིན་པ་ངེས་བརྟན་བྱེད་པའི་རོགས་པ་བྱེད་ཀྱི་ཡོད།
གལ་ཏེ་ཁྱེད་དམ་སྨན་པ་ཡིས་ཁྱེད་ཉིད་ལ་སྔོན་འགོག་སྨན་ཁབ་ནས་མི་འཕྲོད་པའི་ལྡོག་འཕྲོས་སམ་ཟུར་ཕོག་ཞིག་ཡོད་པ་སྙམ་གྱི་ཡོད་ན། དེ་སྙན་སེང་ཞུ།
ཁྱེད་ཀྱིས་སོ་སོའི་སྨན་པ་ལ་ཁྱེད་ཆེད་གསོ་དཔྱད་དངོས་རྫས་འཛིན་སྐྱོང་ (TGA) ལ་སྙན་སེང་ཞུ་བའི་རེ་སྐུལ་ཞུ་ཆོག
ཡང་ན། ཁྱེད་ཉིད་སོ་སོས་གཤམ་དག་བརྒྱུད་ནས་སྙན་སེང་ཞུ་ཆོག:
- ཁྱེད་ཀྱི་མངའ་སྡེ་འམ་ས་ཁུལ་འཕྲོད་བསྟེན་སྡེ་ཚན་ལ་སྙན་སེང་ཞུ།
- NPS MedicineWise Adverse Medicine Events Line ལ་ 1300 134 237 ཐོག་ཁ་པར་གཏོང་སྟེ་སྙན་སེང་ཞུ།
- TGA ཡི་དྲྭ་ཐོག་སྙན་སེང་འགེང་ཤོགབརྒྱུད་ནས་སྙན་སེང་ཞུ།
གལ་ཏེ་ཁྱེད་ཀྱིས་ཟུར་ཕོག་དཀོན་པོ་ཞིག་མྱོང་ཡོད་ན། ཁྱེད་ཉིད་ང་ཚོའི་ COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་རྨས་སྐྱོན་གུན་གསབ་འཆར་གཞི་འོག་གི་གུན་གསབ་ཆེད་འོས་ཆོས་ལྡན་སྲིད་པ་ཡིན།